歌詞
歌词内容
作词 : 尕尔东
作曲 : 尕尔东
编曲 : 尕尔东
ཞོགས་པའི་སྐྱ་རེངས་གི་གཞོན་པ་དེ་ཁྲིད་ནས།
གཞི་ནས་རྒྱང་རིང་གི་ཕྱོགས་ལ་བལྟས་ཚེ།
བྲེལ་བྲེལ་ཚུབ་ཚུབ་ཀྱི་འཚོ་བ་དེའི་ནང་ནས།
ཁོས་ཅི་ཡང་མ་རྙེད་ཟེར།
ཁོ་ལ་མི་དབང་བའི་ཁང་བ་དེའི་ནང་ན།
ནམ་འཆི་མི་ཤེས་བའི་ལུས་པོ་ལྗིད་མོ།
འུར་འུར་ཟིང་ཟིང་གི་མི་ཚོགས་དེའི་ཁྲོད་ནས།
ཁོ་གང་ཞིག་ལ་ཡང་འགྲོ་དགོས་མ་ཤེས་ཟེར།
དེ་ནས།
ཁོ་ཉི་ཤར་དང་འགྲོགས་ནས།
རང་དབང་གི་རྟ་ཕོ་ལ་ཞོན་ནས།
ནམ་ལངས་གི་བྱེའུ་དང་མཉམ་དུ།
རྒྱང་རིང་འཚོལ་དུ་སོང་།
མི་ཚེ་ཡི་རིན་ཐང་གི་ཆེད་དུ།
ཚེ་སྲོག་གི་མཛེས་སྡུག་གི་ཆེད་དུ།
སྐྱེ་བ་ད་ཐེངས་འགྲོ་ཐབས་བྱས་དང་ན།
རྗེས་མ་ཅི་ལྟར་བྱ
རྗེས་ནས་གཞོན་པ་དེ་ཞི་འཇམ་གྱི་ངང་ནས།
ཡུལ་ལ་ཐག་ཉེ་བའི་གྲོང་སྡེ་ཞིག་ནས།
སྨྲ་བ་མེད་པའི་མི་ཞིག་དང་མཉམ་དུ།
འཚོ་གནས་ཀྱི་རིན་ཐང་བརྩད།
གལ་ཏེ་འཚོ་བ་ནི་རྨི་ལམ་ཐེངས་གཅིག་ཡིན་ཚེ།
ཁོ་ལ་མཁོ་བའི་རང་དབང་གི་འཚོ་བ།
སྐར་ཚོགས་ཀྱི་ཕྱུག་པའི་མཚན་མོ་དག་ལ།
དཔྱིད་རླུང་བཞིན་དུ་གང་སར་ཡང་འཕུར་སོང་།
དེ་ནས།
ཁོ་ཉི་ཤར་དང་འགྲོགས་ནས།
རང་སེམས་ཀྱི་རྨི་ལམ་དག་སྐུང་ནས།
ནམ་ལངས་གི་བྱེའུ་དང་མཉམ་དུ།
འཚོ་གཞི་འཚོལ་དུ་སོང་།
ཁོ་མི་ཚོགས་ཀྱི་འདུ་འཛི་ལ་འཚང་ནས།
ཁྲོམ་ཆེན་གྱི་སྡོད་ཁང་གི་ཆེད་དུ།
རྒྱང་རིང་ཁ་བའི་མཛེས་ལྗོངས་མཐོང་ན་ཡང་།
འགྲོ་ལམ་རླུང་གིས་འགག།
དགུང་ཉི་མ་ཤར་རན་རེད།
ད་རྨི་ལམ་བསད་རན་རེད།
སྔར་ཕྱིར་ལ་ལོག་པའི་དུས།
འདི་ཡོད་ཚད་རྨི་ལམ་རེད།